ངང་ལམ་བཙན་ཀ་རི་ལུ་ མེ་རྐྱེན་གྱིས་ སྦ་སྒོར་༡༤ རྩ་བ་ལས་ར་ འཚིགས་བཏང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་ ཕྱེད་དང་༣ དེ་ཅིག་ཁར་ པདྨ་དགའ་ཚལ་ ངང་ལམ་བཙན་ཀ་རི་ལུ་ མེ་རྐྱེན་བྱུང་མི་དེ་གིས་ བཟའ་ཚང་༡༩ སྡོད་མི་ གནས་སྐབས་ཀྱི་སྡོད་ཁྱིམ་ སྦ་སྒོར་༡༤ རྩ་བ་ལས་ར་ འཚིགས་ཡོདཔ་ཨིན་པས། མེ་རྐྱེན་གྱིས་ སྦ་སྒོར་༡༤ འཚིགས་ཡོད་མིའི་གྲས་ལས་ Read more

རྫོང་ཁའི་ཐོག་ལུ་སྦྱོང་བརྡར་འདི་གིས་ བརྡ་བརྒྱུདཔ་ཚུ་ལུ་ཕན་ཐོག།

འབྲུག་བརྡ་བརྒྱུད་གཞི་ཚོགས་དང་འབྲུག་བརྡ་བརྒྱུད་ཚོགས་པ་གཉིས་ཀྱིས་འབྲུག་གི་བརྡ་བརྒྱུདཔ་ཚུ་ལུ་ རྫོང་ཁའི་ཐོག་ ལས་སྦྱོང་བརྡར་ཅིག་བྱིན་མི་འདི་ནངས་པ་མཇུག་བསྡུ་ནི་ཨིན་པས། སྦྱོང་བརྡར་འདི་ཡང་ གནས་ཚུལ་བསྡུ་ལེན་འབད་ཐངས་དང་ གནས་ཚུལ་འབྲི་ཐངས་ གནས་ཚུལ་ཞུན་དག་རྐྱབ་ནི་ དེ་ལས་ བརྡ་སྤྲོད་ཚུ་གི་སྐོར་ལས་ཨིན་པས། སྦྱོང་བརྡ་འགོ་འདྲེན་འཐབ་དགོ་མི་འདི་ འབྲུག་རྒྱལ་ཁབ་ནང་གསར་ཤོག་ཚུ་མར་མཉམ་འགྱོ་མི་ལུ་བརྟེན་ཏེ་ཨིནམ་ལས་ དེ་ཡང་ རྒྱལ་ཁབ་ཡར་རྒྱས་འགྱོ་མི་འདི་གི་ མི་སེར་ཚུ་གིས་རྫོང་ཁ་འདི་ལུ་སྤྲོ་བ་བསྐྱེད་མི་དེ་ཅིག་མེདཔ་ལས་ཨིན་པས། འདི་གི་འབད་ འབྲུག་བརྡ་བརྒྱུད་གཞི་ཚོགས་དང་ འབྲུག་བརྡ་བརྒྱུད་ཚོགས་པ་གཉིས་ཀྱི་ Read more

རྒྱལ་སྤྱི་ཨམ་སྲུའི་ཉིནམ་བརྩི་སྲུང་ཞུ་ཡོད་མི་འདི་ ཁ་ཙ་ མཇུག་བསྡུ་ཡོདཔ།

  ཐིམ་ཕུག་ལུ་སྦེ་ཉིན་གྲངས་ ༣ གིས་རིང་ལུ་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་བརྩི་སྲུང་ ཞུ་མི་འདི་ཁ་ཙ་མཇུག་བསྡུ་དེ་ཡོདཔ་ཨིན་པས། ཉིནམ་བརྩི་སྲུང་ཞུ་མི་ནང་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་དབུ་བཞུགས་མཛད་གནང་ཐོག་ལས་འགོ་བཙུགས་ཡོདཔ་ཨིན། འདི་ཡང་ ཉིནམ་འདི་ཁར་ཨམ་སྲུ་དང་ ན་གཞོན་བུམོ་བསྡོམ་གྱིས ༣༠༠ ་ལྷགཔ་ཅིག་ དང་རྒྱལ་ཁབ་སོ་སོ་ལས་ མཁས་མཆོག་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན་པས། ཞལ་འཛོམས་ཁང་འདི་ན་ Read more

དོག་མ་ཚོང་འབྲེལ་ལས་བརྟེན་འོང་འབབ་བཟོ་ཚུགས་དོ་ཡོདཔ།

༉ ད་རིས་ནངས་པ་ ཐིམ་ཕུག་ ནོར་འཛིན་ལམ་ཁར་ཡོད་པའི་དོག་མ་ཚོང་ཁང་ཚུ་གིས་ ཚོང་འབྲེལ་ཚུ་ལེགས་ཤོམ་སྦེ་འགྱོ་དོ་ཡོདཔ་ཨིན་པས། ཚོང་ཁང་ཆུང་ཀུ་ཅིག་ལས་མེད་རུང་ འོང་འབབ་ལེགས་ཤོམ་བཟོ་དོ་ཡོདཔཨིན་པས། དེ་ཡང་ སྐྱེས་ལོ་༤༠ ལང་མི་ ཀརྨ་གིས་འདི་བཟུམ་མའི་ཚོང་འབྲེལ་འཐབ་འདི་ ལོ་ངོ་༡༢ དེ་ཅིག་སོང་ཡོདཔ་ད་ ཚོང་རྐྱབ་སྟེ་ ད་ལྟོ་ཚུན་རྒུད་གནམ་ཡང་མ་ཕོག་ཟེར་སླབ་ཨིན་པས། ཁོ་གིས་སླབ་དོ་བཟུམ་འབད་བར་་ཅིན་ ཐིམ་ཕུག་ཁྲོམ་ཁར་ Read more

ཐིམ་ཕུག་ཁྲོམ་ཁར་ལུ་ སྣུམ་འཁོར་༦ དེ་ཅིག་མེདཔ་བཏང་ཡོདཔ།

༉ ཐིམ་ཕུག་ཁྲོམ་གྱི་ཉེ་འདབས་ ལྷོང་ཀོང་མར་ཀེཊ་གི་ས་གནས་ནང་  སྤྱི་ཟླ་༣ པའི་སྤྱི་ཚེས་༧ ལུ་ སྣུམ་འཁོར་༦ དེ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས། གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༣ པའི་སྤྱི་ཚེས་༨ གི་ དྲོ་པ་ཆུ་ཚོད་༨ དེམ་ཅིག་ཁར་ སྐྱེས་ལོ་༣༠ ལང་མི་ Read more

གཞིས་གསར་ནང་ དུས་བསྐལ་གསརཔ།

  པ་སངས་ལྷ་མོ། དགེ་ལེགས་ཕུག་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་ཁར་ལྷོདཔ་ད་ དོག་མ་དང་ངང་ལ་ཤིང་ དེ་ལས་ སྤག་ཤིང་ཚུ་གི་གྱིབ་མ་ནང་ སྒྲིང་ཁྱིམ་ཐོག་ཚད་གཅིག་འབད་མི་ཅིག་ བསིལ་མཉམ་དང་ལྡན་ཏོག་ཏོ་སྦེ་མཐོང་ཚུགས་དོ་ཡོདཔ་ཨིན་པས། ཁྱིམ་འདི་ དཔལ་རི་ཐང་ ཁ་སྨད་གཡུས་ཚན་ནང་ཡོདཔ་ཨིནམ་ད་ འདི་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ གཞིས་གསར་ཐོབ་ཡོད་པའི་ ཨཔ་ཕུན་ཚོགས་རྡོ་རྗེ་ Read more

ན་གཞོན་བུཚུ་གསུམ་གྱིས་ ཨམ་སྲུ་གཅིག་ལུ་འཕྲོག་བཅོམ་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་སྤྱི་ཚེས་༧  ལུ་ ཐིམ་ཕུག་ཁྲོམ་སྡེའི་ སྣུམ་འཁོར་བཞག་ཁང་གི་ ཉེ་འདབས་ལས་ ན་གཞོན་བུཚུ་༣ གིས་ ཨམ་སྲུ་ཅིག་གི་ཕད་ཅུང་ འཕྲོག་བཅོམ་འབད་ཡོད་པའི་སྐོར་ལས་ ཨམ་སྲུ་འདི་གིས་ ཕྱི་རུ་ཆུ་ཚོད་ཕྱེད་ད་༡༠ དེ་ཅིག་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས། སྙན་ཞུ་ཐོབ་པའི་ཤུལ་ལུ་ Read more