མི་མང་གྲོས་གནས།

ལྷ་ཁང་དང་མཆོད་རྟེན་སྐོར་ར་རྐྱབ་པ་སོགས་ཞར་བྱུང་ལུ་དགེ་བ་ཆུང་ཀུ་རེ་སྒྲུབ་པའི་ཤུལ་ལུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འགྲོལ་བར་ཤོག། །།འདི་གི་ཤུལ་ལས་ དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག་ ཟེར་བཏང་ཞིན་ན་མཇུག་བསྡུ་དགོ་ཟེར་ཞུ་ནི་ཨིན།