ཇ་པཱན་ ཨ་ཀི་ཤི་ནོ་གི་ སྲསམོ་མ་ཀོ་འདི་ཞག་བདུན་གྱི་དོན་ལུ་ འབྲུག་རྒྱལ་ཁབ་གཟིགས་བསྐོར་ནང་བྱོན་ཡོདཔ།

པ་སངས་ལྷ་མོ།

༉ རྒྱལ་ཡོངས་ཚོགས་འདུའི་ འདྲི་བཀོད་ལས་རིམ་ནང་ དཀར་སྦི་ས་རྟ་ལོག་འདེམས་ཁོངས་ཀྱི་འཐུས་མི་གིས་ སྤྲུ་ན་ཁ་རྫོང་ཁག་ བརཔ་རྒེད་འོག་ནང་ལུ་ གློག་མེ་གི་ཨམ་གཅིག་ལས་མེད་མི་ལུ་བརྟེན་ རྒེད་འོག་འདི་ནང་ གློག་མེ་ཚུ་ འཕྲལ་འཕྲལ་རང་ ཤི་དོ་ཡོདཔ་མ་ཚད་ གློག་མེ་གི་ཤུགས་ཚད་ཡང་ ཉུང་སུ་ཅིག་ལས་མེད་པར་འདུག། གནས་སྟངས་འདི་ཡང་ དམིགས་བསལ་གྱི་ དབུས་ས་ཁ་དང་ སྒར་མ་ཁ་ སྤྱི་འོག་གཉིས་ནང་ལུ་ ཁྱིམ་གུང་པ་༡༠༨ ནང་ལུ་ དཀའ་ངལ་ཚུ་འབྱུང་སྟེ་ཡོདཔ་ལས་ རྒེད་འོག་འདི་ནང་ལུ་ གློག་མེ་གི་ཨམ་ ཁ་སྐོང་ཐེབས་བཙུགས་ནི་གི་ འཆར་གཞི་ཚུ་ག་དེ་སྦེ་ཡོད་ག་ཟེར་ བསྟེན་རྒྱས་བློན་པོ་ལུ་ འདྲི་བ་ཞུ་ཡི།

འདི་ལུ་ བསྟན་རྒྱས་བློན་པོ་གིས་ ལེན་ཞུ་མིའི་ནང་ རྒྱལ་ཁབ་ནང་ལུ་ མཐུན་རྐྱེན་ག་ཅིག་རང་གནང་སྟེ་འབད་རུང་ གྲོང་གསེབ་ནང་ལུ་ མཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ ཚ་གྱང་ལང་སྟེ་རང་ཡོད་ཟེར་ཞུ་ཡི། སྤུ་ན་ཁ་རྫོང་ཁག་ དབུས་ས་ཁ་སྤྱི་འོག་ནང་འབད་བ་ཅིན་ གློག་མེ་གི་ དཀའ་ངལ་ཐོན་མི་འདི་གཙོ་བོ་རང་ གློག་མེ་གི་ཨམ་འདི་ ཆུང་སོང་པའི་ཁར་ སྔོན་མ་ཁྱིམ་གུང་ ཉུང་སུ་ཅིག་བ་མེད་དེ་འབད་རུང་ ད་རེས་ནངས་པ་ ཁྱིམ་གུང་ལེ་ཤ་ཐོན་འབད་བའི་སྐབས་ ད་ལྟོ་ཡོད་མིའི་ གློག་མེ་གི་ཨམ་ ཀི་ལོ་བོལ་ཊེཅི་ ༥༠༠ ཀེ་བི་འབད་མི་འདི་གིས་ ལང་མ་ཚུགསཔ་ལས་ ད་རུང་ ཀེ་བི་༡༢༥ འབད་མི་ཅིག་བཙུགས་པའི་བསྒང་ཡོད་མི་འདི་ དབྱིན་ཟླ་༨ པའི་ནང་ མཇུག་བསྡུག་ཚུགས་ནིའི་ འཆར་གཞི་ཚུ་ཡོདཔ་ལས་ གློག་མེ་གི་ ཤུགས་ཚད་ཚུ་ སྔར་བ་ལྟགཔ་སྦེ་ འོང་ནི་ཨིན་མི་འདི་གིས་ མི་སེར་ཚུའི་ དཀའ་ངལ་ཚུ་ འཕྲལ་མགྱོགས་ར་ བསལ་ཚུགས་ཟེར་ཞུ་ཡི།

འདི་བཟུམ་སྦེ་ སྒར་མ་ཁ་ལུ་ཨིན་པ་ཅིན་ སྔོན་མ་ རྒྱལ་ཁབ་ནང་ལུ་ མཐའ་ཟུར་གི་གཡུས་གོ་ མང་ཤོས་ནང་ལུ་ གློག་ཐག་སྤྲིང་པའི་སྐབས་ལུ་ གློག་ཐག་ཚུ་ཤུབས་མེད་མི་ཚུ་སྤྲིང་ཡོདཔ་ལས་ ཤིང་གི་ཤོམ་འདབ་དང་ཞལ་ལག་ཚུ་རེདཔ་ད་ དཀའ་ངལ་བྱིན་དོ་ཡོདཔ་ད་ གཞན་མི་འདི་ ལམ་གྱི་ཐོབ་དབང་འདི་ སྡོམ་གྱི་མི་ཀྲར་༡༢ བ་མེད་ནི་འདི་གིས་ དཀའ་ངལ་ལེ་ཤ་ཐོན་དོ་ཡོདཔ་ལས་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་ཐག་ཚུ་སོར་ཏེ་ གློག་ཐག་ཚུ་ག་ར་ ཤུབས་བཙུགས་ཏེ་ གྱུར་སྤྱོད་འབད་དེ་ནི་འགོ་བཙུགས་ནུག་ཟེར་ཨིནམ་ད་ གློག་ཐག་ཚུ་ག་ར་བཙུགས་ཚར་ཞིནམ་ལས་ སྒར་མ་ཁའི་མི་སེར་ཚུ་གིས་ཡང་ གློག་མེ་ཚུ་ལེགས་ཤོམ་སྦེ་ར་ ཐོབ་ཚུགས་ཟེར་ཞུ་ཡི།

ད་རུང་ བློན་པོ་གིས་ཞུ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ གྲོང་གསེབ་ཀྱི་གཡུས་ཚན་ཅིག་ཨིན་མི་ ཤིང་ཁར་རྒེད་འོག་དང་ ར་རྡིག་ བར་རྡོག་རྒེད་འོག་ལ་སོགས་པ་ཚུ་ནང་ འགྱོ་བའི་སྐབས་ མི་སེར་ཆ་ཁྱབ་ལུ་ དཀའ་ངལ་མང་ཤོས་འདི་རང་ གློག་མེ་ལེགས་ཤོམ་འོང་མ་བཏུབ་པའི་ དཀའ་ངལ་བཤད་པའི་ཤུལ་ལུ་ རྒྱལ་ཁབ་ཀྱི་ གྲོང་གསེབ་ཀྱི་གཡུས་ཚན་ཚུ་ནང་ གློག་མེའི་ཞབས་ཏོག་འདི་ ལེགས་ཤོམ་སྦེ་བཙུགས་ཐབས་ལུ་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་གློག་མེད་དབང་འཛིན་གཉིས་དང་ བསྟུན་གྲོས་འབད་དེ་ གློག་མེ་ཞབས་ཏོག་གི་སྒྲིག་གཞི་ལེགས་ཤོམ་བཟོ་སྟེ་ གྲོང་གསེབ་ཆ་མཉམ་ནང་ གློག་མེ་གི་ཞབས་ཏོག་ལེགས་སྤྱོད་འབད་ནིའི་ འཆར་གཞི་ཚུ་བརྩམས་ཡོདཔ་ལས་ ས་གནས་མཐའ་ཟུར་ཚུ་ནང་ གློག་མེ་གི་ཞབས་ཏོག་ ལེགས་ཤོམ་འཐོབ་ཚུགས་ནིའི་ གོ་སྐབས་ཡོད་ཟེར་ བསྟེན་རྒྱས་བློན་པོ་གིས་ཞུ་ཡི།

གནད་དོན་འདི་ལུ་ སྦྱང་ཐིམ་ཕུག་གི་འཐུས་མི་གིས་  ལ་གོང་གསུམ་གྱི་ས་གནས་ སྲོས་དང་ན་རོ་ གླིང་གཞི་རྒེད་འོག་ཚུ་ནང་ གློག་མེ་གི་སྤུད་ཚད་ཚུ་ ག་དེམ་ཅིག་ནང་ ལྷོད་དེ་ཡོད་ག་ཟེར་ བསྟེན་རྒྱས་བློན་པོ་ལུ་ ལྷན་ཐབས་ཀྱི་འདྲི་བ་ཞུ་ཡི།

བསྟེན་རྒྱས་བློན་པོ་གིས་ ལེན་ཞུ་མིའི་ནང་ རྒེད་འོག་གསུམ་ནང་རྐྱངམ་གཅིག་མེན་པར་ ཧེ་མ་ལས་ གྲོང་གསེབ་ཀྱི་ཁྱིམ་གུང་ འབུམ་གཅིག་ལྷགཔ་ཅིག་ གློག་མེ་གི་མཐུན་རྐྱེན་སྤྲོད་ཡོདཔ་ད་ སྲོས་རྒེད་འོག་ནང་བཟུམ་ཅིག་འབད་བ་ཅིན་ ལམ་མཐའ་རིང་སྟེ་འབད་རུང་ གློག་མེ་གི་ཅ་ཆས་ཚུ་ག་ར་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་བཀལ་ཏེ་ མི་སེར་ག་ར་ལུ་ གློག་མེ་གི་མཐུན་རྐྱེན་འདི་ཁྱབ་ས་ཡི་ཟེར་ཞུ་ཡི། འདི་བཟུམ་སྦེ་ གླིང་གཞི་རྒེད་འོག་ནང་འབད་བ་ཅིན་ ད་རེས་ཀྱི་གཞུང་ དགོངམ་མ་ཞུ་བའི་ཧེ་མ་  གློག་མེ་ཚུ་ག་ར་བཟོ་ཚར་ནིའི་རེ་བ་དང་ ན་རོ་ལུ་ཨིན་པ་ཅིན་ གློག་མེ་གི་ཞབས་ཏོག་བཙགས་ནིའི་ བརྟག་ཞིབ་འབད་བའི་བསྒང་ཨིནམ་ད་  ན་རོ་རྒེད་འོག་ནང་ ཁྱིམ་གུང་པ་ཡང་ ཉུང་སུ་ཅིག་བ་མེདཔ་ལས་ ཞབས་ཏོག་ཚུ་ འཕྲལ་མགྱོགས་ར་ཐོབ་ཚུགས་ཟེར་ཨིནམ་ད་ སྤྱིར་གཏང་ ད་ལྟོ་རྒྱལ་ཁབ་ནང་ གློག་མེ་གི་ཁྱབ་སྲལ་འདི་  བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༩༩.༨ དེམ་ཅིག་ནང་ གློག་མེ་ཀྲམ་སྤེལ་འབད་ཚར་ཏེ༌ཡོད༌ཟེར༌ཞུ༌ཡོད༌པའི༌གནས༌ཚུལ།

Leave a Reply