རྒྱལ་སྤྱི་ཨམ་སྲུའི་ཉིནམ་བརྩི་སྲུང་ཞུ་ཡོད་མི་འདི་ ཁ་ཙ་ མཇུག་བསྡུ་ཡོདཔ།

 

ཐིམ་ཕུག་ལུ་སྦེ་ཉིན་གྲངས་ ༣ གིས་རིང་ལུ་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་བརྩི་སྲུང་ ཞུ་མི་འདི་ཁ་ཙ་མཇུག་བསྡུ་དེ་ཡོདཔ་ཨིན་པས།
ཉིནམ་བརྩི་སྲུང་ཞུ་མི་ནང་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་དབུ་བཞུགས་མཛད་གནང་ཐོག་ལས་འགོ་བཙུགས་ཡོདཔ་ཨིན། འདི་ཡང་ ཉིནམ་འདི་ཁར་ཨམ་སྲུ་དང་ ན་གཞོན་བུམོ་བསྡོམ་གྱིས ༣༠༠ ་ལྷགཔ་ཅིག་ དང་རྒྱལ་ཁབ་སོ་སོ་ལས་ མཁས་མཆོག་ཚུ་གིས་བཅའ་མར་གཏོགས་ཡོདཔ་ཨིན་པས།
ཞལ་འཛོམས་ཁང་འདི་ན་ རྩི་རང་རྫོང་བདག་ ངག་དབང་དཔལ་མོ་གིས་བཤད་མིའི་ནང་ ཕོ་སྐྱེས་དང་ཨམ་སྲུ་ཚུའི་བར་ན་ཁྱད་པར་ཕྱེ་མི་དེ་ དང་ཕུ་བཟུམ་སྦེ་མེན་པར་ བསྒྱུར་བཅོས་འབད་ཚུགས་པ་ཅིན་ ཨམ་སྲུ་གིས་འབད་མ་ཚུགསཔ་ག་ནི་ཡང་མེད་ཟེར་བཤད་ཅི། དེ་མ་ཚད་ འབྲུག་པའི་ཨམ་སྲུ་ཚུ་ལུ་ ལྕོགས་གྲུབ་མེདཔ་མེན་པར་ མི་འདི་ཚུ་གིས་མནོ་ལུགས་རྐྱངམ་ཅིག་ཨིན་མས་ཟེར་བཤད་དོ་ཡོདཔ་ཨིན་པས།
ཨིན་རུང་ ཨམ་སྲུ་དང་ཕོ་སྐྱེས་དྲག་མཉམ་མེད་མི་འདི་ལས་ ཨམ་སྲུ་ཚུ་ལུ་ དཀའ་ངལ་ཅན་གཙོ་བོ་གཅིག་ར་ གཡུས་ཁའི་ཨམ་སྲུ་ཚུ་མང་ཤོས་ཅིག་ར་ ཤེས་ཡོན་མ་སྦྱང་མི་རྩང་རྩ་འབདཝ་ལས་ ཨམ་སྲུ་ཚུ་འདེམས་ངོ་འབད་བཅའ་མར་བཏོགཔ་ད་ ཁོང་ལུ་ ཚོགས་རྒྱན་བཙུགས་མི་ མིན་འདུག་ཟེར་ཨིན་པས། ཁོང་ལུ་ཕོ་སྐད་འདི་ཕར་ར་བཞག་ ཨམ་སྲུ་འདི་ཚུ་གི་ཡང་ཨམ་སྲུ་འདེམས་ངོ་ཁོང་ཚུ་ལུ་རྒྱབ་སྐྱོར་འབད་མི་མེདཔ་ལས་བརྟེན་ཨིན་ཟེར་བཤདཔ་ཨིན་པས།
མོ་གིས་བཀོད་མི་བསམ་ཆར་འདི་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ག་ཅི་ར་འབད་དགོཔ་འདུག་ག་ཟེར་ ལས་རིམ་འགོ་འདྲེན་འཐབ་མི་ སུ་ཡི་དེན་ལས་ཨིན་མི་ དུ་དི་ ད་ལི་རུབ་ཀྱི་ འབྲི་བའི་ལེན་ལུ་ ཆུ་སྨད་ཨུ་ར་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་བཤད་མིའི་ནང་ ཨམ་སྲུ་ཚུ་གིས་སྲིད་དོན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ཐབས་བྱུས་དང་གནས་སྐབས་ཚུ་ལེ་ཤ་ཅིག་ར་བཏོན་དགོཔ་འདུག་ཟེར་ཨིན་པས།
ད་རུང་ འབྲུག་གི་སྲིད་དོན་ཚོགས་པ་ཚུ་ནང་འཛུལ་བའི་སྐབས་ ག་ར་འབད་རུང་ རང་གི་ལཱ་གཡོག་ཡོད་རུང་བཀོག་བཞག་དགོཔ་དང་ དེ་མ་ཚད་ཚོང་འབྲེལ་གྱི་ལཱ་ཚུ་ཡང་ འབྲེལ་བ་མེད་པར་ བཀོག་བཞག་དགོ་ནི་དེ་གིས་ཨིནམ་ལས་ ཁྲིམས་ལུགས་དམ་དྲགས་ཡོད་ནི་འདི་གིས་ ཨམ་སྲུ་ཚུ་མར་ཤོགས་ཅིག་ར་ སྲིད་དོན་ཚོགས་པ་ཚུ་གིས་ སྲིད་དོན་ནང་ མར་སུ་སྦེ་བཅའ་མར་མི་གཏོགསཔ་ཨིནམ་པས་ ཨིན་རུང་ མང་སུ་སྦེ་བཅའ་མར་གཏོགས་ནིའི་དོན་ལུ་ཐབས་ཤེས་ཚུ་བཏོན་དགོཔ་འདུག་ཟེར་བཤད་དོ་ཡོདཔ་ཨིན་པས།
ནེ་པཱལ་ལས་ པར་སུ་རམ་གུ་རུང་གིས་ ནེ་པཱལ་གྱིས་ སྲིད་དོན་ནང་ལུ་ ཨམ་སྲུ་ཚུ་གིས་ བཅའ་མར་གཏོགས་མི་འདི་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་སྦེ་གྱངས་ཁ་ཡར་སེང་འགྱོ་མི་དང་འབྲེལ་ ལྕོགས་གྲུབ་ཅན་གྱི་ ཨམ་སྲུ་ཚུ་ ག་དེ་སྦེ་ འཐོབ་ཚུགས་ག་ཟེར་ དྲི་བ་བཀོད་པའི་ལེན་ལུ་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་བཤད་མིའི་ནང་ གྱངས་ཁ་ཡར་སེང་འབད་ནི་ལུ་ དམིགས་གཏད་འབད་དེ་ ཨམ་སྲུ་ཚུའི་དོན་ལུ་ ཐོབ་སྐལ་བྱིན་པ་ཅིན་ སྲིད་དོན་གྱི་སྤུས་ཚད་ལུ་ ཐོ་ཕོག་འོང་ཟེར་བཤདཔ་ཨིན་པའི་གནས་ཚུལ།

Leave a Reply